我爱免费 发表于 2024-5-21 09:45

中国原子城“两弹一星”精神宣讲团走进北京航天工程大学某部

作者:海北民宗


ཟླ5པའི་ཚེས11ཉིན། ཁུལ་ཨུའི་རྒྱུན་ཨུ་དང་། དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་སུན་ཞུག་ཙུང་གིས་ཀྲུང་གོའི་མ་རྡུལ་མཁར་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་སློབ་ཆེན་གྱི་པུ་ག་གེ་མོ་ཞིག་ཏུ་ཕྱིན་ཏེ། དགེ་སློབ་ཆིག་སྟོང་ལྷག་ཙམ་ལ《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནམ་ཡང་ཉམས་པ་མེད》ཅེས་པའི་བརྗོད་དོན་སྒྲོག་འགྲེལ་བྱས། པེ་ཅིང་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་སློབ་ཆེན་གྱི་པུ་ག་གེ་མོའི་མགོ་ཁྲིད་ལས་ཁུངས་དང་། གཞི་རིམ་སྡེ་ཁག་གི་མགོ་ཁྲིད། སློབ་མ་ཡོངས་དང་དཔོན་དམག་ཡོངས་བཅས་ཁྱོན་མི1500ལྷག་གིས་སྒྲོག་འགྲེལ་སྙན་ཞུར་ཉན།



སྒྲོག་འགྲེལ་གྱིས“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱི་གཏིང་ཟབ་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་དམ་པོར་བཟུང་ནས་བརྙན་དང་པར་རིས་དང་། དོན་བརྗོད་གཏམ་བཤད། གནས་ཚུལ་བསྐྱར་མངོན་སོགས་ཀྱི་རྣམ་པ་བརྒྱུད་ནས་རང་རྒྱལ་གྱི“མདེལ་གཉིས་སྐར་གཅིག”བྱ་གཞག་གི་ཐབས་ཇུས་དང་། ས་ཆ་འདེམས་པ། ཞིབ་བཟོ། ཚོད་ལྟ་བཅས་ཀྱི་དཀའ་ཚེགས་ཀྱི་བརྒྱུད་རིམ་རེ་རེ་ཕྱིར་དྲན་བྱས་ཤིང་། ཀོ་ཡུང་ཧའེ་དང་ཏེང་ཅཱ་ཞན་སོགས་ཀྱིས་མཚོན་པའི་“མདེལ་གཉིས”ཀྱི་ཚན་རིག་པ་རྣམས་ཀྱིས་གསེར་དངུལ་ཐང་ནས་མིང་དང་ཐོབ་ཐང་སྦ་གསང་བྱས་ཏེ་རང་ཉིད་ཀྱི་མི་ཚེ་བྱ་གཞག་ལ་ཕུལ་བའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་དང་། གསེར་དངུལ་ཐང་གི་འབྲོག་པ1279དང་། ཚན་རྩལ་ལས་དོན་མི་སྣ། མིང་མེད་པའི་དཔའ་བོ་བཅས་ཀྱིས་རང་རྒྱལ་གྱི“མདེལ་གཉིས་སྐར་གཅིག”གི་རླབས་ཆེ་བའི་ལས་དོན་ལ་བྱས་རྗེས་བླ་ན་མེད་པ་བཞག་པའི་གཏམ་རྒྱུད་དངོས་བཤད་དེ། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གལ་ཆེ་བའི་ལོ་རྒྱུས་གོ་གནས་མཚོན་པར་བྱས།



གཏིང་ཟབ་པ་དང་། རྒྱ་ཆེ་བ། བརྩེ་བ་ལྡན་པ་བཅས་ཀྱི་སྒྲོག་འགྲེལ་སྙན་ཞུ་མཐོ་སློབ་ཏུ་ཁྲིད་པ་དང་། སློབ་མའི་སེམས་ནང་འཇུག་པ། གསར་བརྗེའི་རིག་གནས་ཀྱི་“སྒོ་འབྱེད་སྟངས་”སྔར་བས་སྣ་མང་ཅན་དུ་འགྱུར་བ། གསར་བརྗེའི་རིག་གནས་དྲིལ་སྒྲོག་མི་སེམས་ལ་ཟུག་པ་བཅས་ཀྱི་ཆེད་དུ། ཀྲུང་གོའི་མ་རྡུལ་མཁར་གྱི“མདེལ་གཉིས་སྐར་གཅིག”གི་ སྙིང་སྟོབས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་གཟབ་ནན་དང་ཞིབ་ཚགས་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་བརྒྱུད་རིམ་རེ་རེ་དང་ཞིབ་ཕྲའི་གནད་རེ་རེ་ཡང་ནས་བསྐྱར་དུ་གཏན་འཁེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྒྲོག་འགྲེལ་བྱས་པས་ཡུལ་དངོས་ཀྱི་མི་མང་པོའི་ཡིད་སེམས་འཕྲོག



རྒྱ་ཆེའི་དགེ་སློབ་དཔོན་དམག་རྣམས་ཀྱིས་སྒྲོག་འགྲེལ་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་གསར་པ་ཡིན་པ། མི་སེམས་འགུལ་བ། མི་སེམས་ལ་སྟོབས་ཤུགས་སྦྱིན་ཐུབ་པ་ཞིག་རེད་ལ། “མདེལ་གཉིས་སྐར་གཅིག”གི་ལོ་རྒྱུས་ལ་སློབ་སྦྱོང་དང་བསྐྱར་དྲན་བྱས་པ་མ་ཟད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཁྲོད་གནས་པའི་དུས་རབས་ཀྱི་ནང་དོན་དང་བསམ་པའི་སྟོབས་ཤུགས་ཀྱང་མྱོང་ཚོར་ཟབ་མོ་བྱུང་སོང་། དེ་ནི་ཆེས་དོན་སྙིང་ལྡན་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་སྤུས་ལེགས་ཤིག་དང་རིག་གནས་ཀྱི་གསོལ་སྟོན་ཆེན་མོ་ཞིག་རེད། ང་ཚོས་དུས་རབས་གསར་པར་“མདེལ་གཉིས་དང་སྐར་གཅིག་”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། འཇོན་ཐང་ཆེན་པོ་སྦྱོང་བ། རང་འཁྲིའི་ལས་གནས་འཁུར་ཐུབ་པ་བཅས་བྱས་ཏེ་མི་སྒེར་གྱི་འཕེལ་རྒྱས་ཡར་ཐོན་དང་མི་ཚེའི་ཕུགས་བསམ་དོན་གཉེར་དེ་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ལག་ལེན་ཁྲོད་བསྒྱུར་ནས། ཀྲུང་གོའི་ཕུགས་འདུན་ལས་དམག་དཔུང་སྟོབས་ལྡན་འཛུགས་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་བཤད།



                                                                                                            



END

来源/海北州语言文字中心

编辑/贺红兰   责编/王玉琼

复审/韩进龙   监制/切 加

版权归原作者所有,如有侵权请立即与我们联系



扫码关注海北民宗

长按二维码获取更多资源



页: [1]
查看完整版本: 中国原子城“两弹一星”精神宣讲团走进北京航天工程大学某部